《知识就是力量(汉藏文)》藏文科普专区

来源于:知识就是力量
发布时间:2023-10-17 15:43:03
    小字号

四川盆地示意图 

སི་ཁྲོན་གཤོང་སའི་མཚོན་རིས།

 

四川盆地:原来你是这样的“水盆”

སི་ཁྲོན་གཤོང་ས་ནི་ཆུ་ཡི་གཞོང་པ་ཞིག་དང་མཚུངས།

撰文 / 王恩眷(中国气象局华风气象传媒集团)

ཝང་ཨེན་ཅོན་གྱིས་བརྩམས།ཀྲུང་གོ་གནམ་གཤིས་ཅུས་ཧྭ་ཧྥེང་གནམ་གཤིས་འཕྲིན་སྦྱོར་སྡེ་ཚོགས།

ཀླུ་མཚོ་རྒྱལ་གྱིས་བསྒྱུར། རྔོག་སྦུག་གིས་ཞུས།

阳光在这里很金贵

གནས་འདི་རུ་ཉི་འོད་ཧ་ཅང་རྩ་ཆེ།

处在四川盆地的成都,平均海拔500米,一年中大部分时间阴云密布,难得有几天晴空万里。这里年日照时数只有900多小时,平均每天的日照大概是2.5小时。而在秋冬季节,每个月的平均日照甚至只有50小时,平均每天不到2小时。阳光在这里真是金贵得很呐!

སི་ཁྲོན་གཤོང་སར་གནས་པའི་ཁྲེང་ཏུའུ་ཡི་ཆ་སྙོམས་མཚོ་འཕང་ལ་སྨི500དང་། ལོ་གཅིག་ལས་དུས་ཚོད་མང་ཆེ་བར་སྤྲིན་པ་འཐིབས་ནས་ཡོད་པསགནམ་ངོ་ཐང་བའི་ཉིན་མོ་ཧ་ཅང་ཉུང་། དེ་གར་ལོ་རེའི་ཉི་འོད་འཕྲོ་ཚད་ཆུ་ཚོད900ལྷག་ཙམ་ལས་མེད་པ་དང་ཉིན་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཧ་ལམ་ཆུ་ཚོད 2.5 ཡི། སྟོན་དགུན་གྱི་དུས་ཚིགས་སུ། ཟླ་རེའི་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད50ལས་མེད་ཅིང་ཆ་སྙོམས་བྱས་ན་ཉིན་རེར་ཆུ་ཚོད2ལ་ཡང་སླེབས་ཀྱི་མེད་པས། གནས་འདི་རུ་ཉི་འོད་ཧ་ཅང་རྩ་ཆེ་ཡིན།

可是隔壁的甘孜州,明明只是成都向西300多千米,那里的年日照就能超过2000小时,只因为处在川西高原,有着3000多米的海拔。再向西来到西藏的拉萨(海拔3650米),那里更是有“数不尽的晴日”,年日照超过3000小时,平均每天都能晒足8小时,因此还得到“日光城”的称号。

འོན་ཀྱང་ཁྱིམ་མཚེས་ཀྱི་དཀར་མཛེས་ཁུལ་ནི། ཁྲེང་ཏུའུ་ནུབ་ཕྱོགས་ཀྱི་སྟོང་སྨི300ལྷག་ཙམ་གྱི་མཚམས་སུ་གནས་མོད། འོན་ཀྱང་དེ་གར་ལོ་རེའི་ཉི་འོད་འཕྲོ་ཚད་ཆུ་ཚོད2000ལས་བརྒལ་གྱི་ཡོད། རྒྱུ་མཚན་ནི་དེ་ཁྲོན་ནུབ་མཐོ་སྒང་དུ་གནས་པ་དང་མཚོ་འཕང་ལ་སྨི3000ལྷག་ཙམ་ཡོད་པས་ཡིན། དེ་ནས་ནུབ་ཕྱོགས་སུ་སོང་ན་བོད་ལྗོངས་ཀྱི་ལྷ་ས(མཚོ་འཕང་སྨི་3650)རུ་སླེབས་ཤིང་། དེ་གར“གནམ་ཐང་བའི་ཉིན་མོ་ཧ་ཅང་རིང”ལ། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད3000ལས་བརྒལ་བ་མ་ཟད། ཆ་སྙོམས་ཉིན་རེར་ཆུ་ཚོད8རིང་ཉི་མར་ལྡེ་ཐུབ་ཀྱི་ཡོད་པས། དེར་བརྟེན་ནས་“ཉི་མ་ལྷ་”ཞེས་པའི་མཚན་སྙན་ཐོབ་ཡོད།

拉萨和成都年日照时数对比

ལྷ་ས་དང་ཁྲེང་ཏུའུ་ཡི་ལོ་རེའི་ཉི་འོད་འཕྲོ་ཚད་ཀྱི་བསྡུར་གྲངས།

 

这样看来,在中国的西南,相比阳光多少,距离不是关键,纬度也不是关键,地势地形才是关键。四川盆地地势最低,比阳光真的是一点儿优势也没有。

དེ་ལྟར་བལྟས་ན། ཀྲུང་གོའི་ལྷོ་ནུབ་ཁུལ་དུ། ཉི་འོད་མང་ཉུང་གི་ཁྱད་པར་ཤོར་བ་དེ། བར་ཐག་དང་འཕྲེད་ཐིག་ལ་འབྲེལ་བ་ཆེར་མེད་པར། ས་བབ་དང་ས་དབྱིབས་ལ་འབྲེལ་བ་དམ་པོ་ཡོད་པ་ཤེས་ཐུབ། སི་ཁྲོན་གཤོང་སའི་ས་བབ་དམའ་ཤོས་ཡིན་པས། ཉི་འོད་ཕོག་ཚད་ཐད་ནས་གཞན་ལས་ཞན་པ་མངོན་གསལ་རེད།


蜀犬吠日

ཧྲུའུ་ཡུལ་གྱི་སྒོ་ཁྱི་གནམ་གྱི་ཉི་མར་ཟུག་པ།

 

蜀犬吠日

ཧྲུའུ་ཡུལ་གྱི་སྒོ་ཁྱི་གནམ་གྱི་ཉི་མར་ཟུག་པ།

在四川盆地,阴雨是主人,阳光是客人,“稀客”一来,就被敏锐的狗狗们先发现了,不得了啊,没见过呐!朝着它一通乱叫。这件事被唐代的大文学家柳宗元知道了,忍不住也记上一笔,他在《答韦中立论师道书》中这样写道:“仆往闻庸、蜀之南,恒雨少日,日出则犬吠。”由此还衍生出一个成语——蜀犬吠日,用来比喻少见多怪。

སི་ཁྲོན་གཤོང་ས་རུ། སྤྲིན་ཆར་ནི་བདག་པོ་དང་ཉི་འོད་ནི་མགྲོན་པོའི་ཚུལ་དུ་གནས་ཡོད། ཐག་རིང་གི་མགྲོན་པོ་དེ་སླེབས་མ་ཐག་ཚོར་བ་སྐྱེན་པའི་ཁྱི་ཚོས་མཐོང་བ་དང་། དེའི་སྔོན་དུ་མཐོང་མྱོང་མེད་པའི་རྐྱེན་གྱིས། དེའི་ཕྱོགས་སུ་ཟུག་ངེས། དེ་ཐང་རྒྱལ་རབས་ཀྱི་རྩོམ་རིག་མཁས་ཆེན་ལིའུ་ཙུང་ཡོན་གྱིས་མཐོང་བས། དེའི་སྣང་ཚུལ་ཟིན་ཐོར་བཀོད་དེ། ཁོང་གིས《ཝེ་ཀྲུང་ལི་ཡི་ལུང་སྟོན་པའི་ལམ་ལ་ལན་འདེབས་པ》ཞེས་པའི་རྩོམ་ཡིག་ནང་དུཕྲན་གྱིས་དེ་སྔ་སི་ཁྲོན་གྱི་ལྷོ་ཕྱོགས་སུ་རྒྱུན་པར་ཆར་ཞོད་ཆེ་བས་ཉི་མ་འཆར་དཀའ་བ་དང་། ཉི་མ་ཤར་མ་ཐག་ཁྱི་རྣམས་ཟུག་ཡོང་བའི་སྐད་ཆ་ཐོས་མྱོང་ཡོདཅེས་བྲིས་ཡོད་ལ། དེ་ལས་འཕྲོས་ཏེ་ཧྲུའུ་ཡུལ་གྱི་ཁྱི་ཉི་མར་ཟུག་པ་ཞེས་པའི་དཔེ་ཆོས་ཤིག་ཀྱང་བྱུང་། དེ་ནི་མཐོང་མྱོང་མེད་པས་ཡ་མཚན་སྐྱེས་པའི་དོན་ལ་འཇུག

“蜀犬”最熟悉的阴雨有个响当当的名字,叫“华西秋雨”,这正是四川盆地的一大气候特色。华西秋雨最主要的时段是每年9—10月,最早也可能从8月下旬开始,最晚在11月中旬结束。

“ཧྲུའུ་ཡུལ་གྱི་ཁྱི”ལ་ཆ་རྒྱུས་ཆེས་ཆེར་ཡོད་པའི་སྤྲིན་ཆར་ལ་ཧྭ་ནུབ་ཀྱི་སྟོན་ཆར་ཟེར་བའི་མིང་སྙན་མོ་ཞིག་ཡོད། དེ་ནི་སི་ཁྲོན་གཤོང་སའི་གནམ་གཤིས་ཀྱི་ཁྱད་ཆོས་ཆེན་པོ་ཞིག་རེད། ཧྭ་ནུབ་ཀྱི་སྟོན་ཆར་གྱི་དུས་མཚམས་གཙོ་བོ་ནི་ལོ་རེའི་ཟླ9པ་ནས་ཟླ10པའི་བར་ཡིན་ལ། ཆེས་སྔ་ཤོས་ཀྱང་ཟླ་བརྒྱད་པའི་ཟླ་སྨད་ནས་འགོ་བརྩམས་ཤིང་། འཕྱི་ཤོས་ཟླ11པའི་ཟླ་དཀྱིལ་དུ་མཇུག་གྲིལ་ངེས།

 

华西秋雨的两个特点就是:绵、长。

ཧྭ་ནུབ་སྟོན་ཆར་གྱི་ཁྱད་ཆོས་གཉིས་ནི་འཇམ་ལ་རིང་བ་དེ་ཡིན།

绵,是说雨下得温柔,完全不似夏季那种短时猛烈的降雨。长,正像宋代范仲淹《岳阳楼记》里所说, “淫雨霏霏,连月不开”,“淫雨”就是连绵的雨,“霏霏”就是雨(或雪)不断的样子。华西秋雨正是这样,雨一下就是一整天,而且下雨天数多,连绵阴雨达数月之久,有时候累积雨量更是惊人!

འཇམ་པ་ཞེས་པ་ནི་ཆར་པ་འབབ་དུས་ཞི་འཇམ་གྱི་ཚུལ་དུ་སྣང་བས། དབྱར་ཁའི་ཐོལ་གྱིས་བབས་པའི་དྲག་ཆར་དང་གཏན་ནས་མི་འདྲ་བས་ཡིན། རིང་བ་ཞེས་པ་ནི་སུང་རྒྱལ་རབས་ཀྱི་ཧྥན་ཀྲུང་ཡན་གྱི《ཡུའེ་དབྱང་ཐོག་ཁང་གི་ཟིན་ཐོ》ཞེས་པའི་ནང་དུ། ཆར་པ་བབས་ནས་མཚམས་མི་ཆད། ཟླ་ངོ་གཅིག་ལ་བར་མེད་འབབཅེས་བྲིས་པ་ནང་བཞིན། ཧྭ་ནུབ་སྟོན་ཆར་ཡང་དེ་ལས་མ་འདས་ཏེ། ཆར་པ་བབས་ན་ཉིན་གཅིག་རིང་འབབ་པ་དང་། ཉིན་མང་པོར་བསྟུད་མར་འབབ་པ། ཆར་པ་རྒྱུན་ཆད་མེད་པར་ཟླ་འགར་འབབ་པ། སྐབས་འགར་གསོག་པའི་ཆར་པའི་འབབ་ཚད་དེ་ཧ་ལས་ཤིང་ཧང་སངས་པ་ཞིག་ཏུ་སླེབས་ངེས།

 

雅安逐月降水量

གཡག་རྔའི་ཟླ་རེའི་ཆར་ཆུ་འབབ་ཚད།

 

雅安:四川“水盆”的“加强版”

གཡག་རྔ་སྟེ། སི་ཁྲོནཆུ་གཞོངགིཤུགས་ཆེ་བའི་པར་གཞི

四川盆地的雨是哪里来的呢?还是靠地形地势。四周群山环绕,它就像一只大水盆,最擅长汇集水汽。夏季和秋季,来自印度洋和南海充沛的暖湿气流被汇集在此,一有冷空气“造访”,就很容易下雨;再加上周围山地对水汽的抬升助力,经常会大雨倾盆。

སི་ཁྲོན་གཤོང་སའི་ཆར་པ་གང་ནས་ཡོང་བ་ཡིན་ནམ་ཞེ་ན། དེ་ས་དབྱིབས་ལ་བརྟེན་ནས་བྱུང་བ་ཡིན་ཏེ། ཕྱོགས་བཞི་རི་ཚོགས་ཀྱིས་བསྐོར་ཡོད་པས། དེ་ནི་ཆུ་གཞོང་ཆེན་པོ་ཞིག་དང་འདྲ་བར། ཆུ་རླངས་རྣམས་ནམ་རྒྱུན་ཕྱོགས་གཅིག་ཏུ་འདུས་སྲི། དབྱར་དུས་དང་སྟོན་དུས་སུ་ཧིན་རྡུ་རྒྱ་མཚོ་ཆེན་པོ་དང་ལྷོ་རྒྱ་མཚོའི་དྲོད་འཇམ་རླུང་རྒྱུན་དེ་གར་འདུས་ཡོད་པས། མཁའ་རླུང་གྲང་མོ་ཡོང་ཚེ། ཆར་པ་འབབ་སླ་བ་དང་། དེའི་ཁར་མཐའ་འཁོར་གྱི་རི་ཁུལ་གྱིས་ཆུ་རླངས་ཡར་འདེགས་པར་བརྟེན། རྟག་ཏུ་ཆར་ཞོད་ཆེན་པོ་འབབ་ཀྱི་ཡོད།

进入冬季,有青藏高原的阻挡,各种从西而来的气流被成功“躲过”。四川盆地就像一潭不流通的“死水”,风也很小,相比周围,是一片低气压区,按照气流从高压区流向低压区的原理,周围空气容易向盆地汇集、上升(遇冷凝结),使得四川盆地上空多云、多雨、多雾。

དགུན་དུས་སླེབས་སྐབས། མདོ་དབུས་མཐོ་སྒང་གི་བཀག་འགོག་ཐེབས་པས། ནུབ་ཕྱོགས་ནས་ཡོང་བའི་རླུང་རྒྱུན་སྣ་ཚོགས་བདེ་བླག་ངང་འགོག་ཐུབ་ཀྱི་ཡོད། སི་ཁྲོན་གཤོང་ས་ནི་བཞུར་མི་ཐུབ་པའི་འཁྱིལ་ཆུཞིག་དང་འདྲ་བ་དང་། རླུང་ཡང་ཧ་ཅང་ཆུང་ལ། མཐའ་འཁོར་དང་བསྡུར་ན། རླུང་གནོན་དམའ་བའི་ས་ཁུལ་ཞིག་ཡིན་པས། རླུང་རྒྱུན་མཐོ་གནོན་ཁུལ་ནས་དམའ་གནོན་ཁུལ་དུ་རྒྱུག་པའི་རྩ་བའི་རིགས་པ་ལྟར་ན། མཐའ་འཁོར་གྱི་མཁའ་རླུང་དེ་གཤོང་སར་འདུས་པ་དང་ཡར་འཕགས(གྲང་ངར་དང་འཕྲད་ན)སླ་བས། སི་ཁྲོན་གཤོང་སའི་མཁའ་དབྱིངས་སུ་སྤྲིན་པ་དང་ཆར་ཆུ། སྨུག་པ་བཅས་མང་བའི་སྣང་ཚུལ་འབྱུང་སྲིད།

雅安,位于四川盆地的西缘,年降水量可以达到1600~1800毫米,是四川省年降水量最多的地区,也是中国内陆最为多雨的地区。同是在四川盆地,为什么雅安的雨会比其他地方更大?那是因为它所处的地理位置,是地形因素的“加强版”:北面、西面、南面,三面环山的喇叭口地形,东面来的暖湿气流,只能进不能出,在雅安的堆积相比其他地方更为明显,雨量也往往更大,所以雅安有“雨城”“天漏”之称。

གཡག་རྔ་ནིསི་ཁྲོན་གཤོང་སའི་ནུབ་ཕྱོགས་སུ་གནས་ལ། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི 1600 ནས 1800བར་སླེབས་ཀྱི་ཡོད་ཅིང་། དེ་ནི་སི་ཁྲོན་ཞིང་ཆེན་གྱི་ལོའི་ཆར་ཆུ་འབབ་ཚད་མང་ཤོས་ཀྱི་ས་ཁུལ་ཡིན་ལ། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཆར་པ་འབབ་ཚད་མང་ཤོས་ཀྱི་ས་ཁུལ་ཡང་ཡིན། སི་ཁྲོན་གཤོང་སར་གནས་པ་གཅིག་མཚུངས་ཡིན་མོད། ཅིའི་ཕྱིར་གཡག་རྔའི་ཆར་པའི་འབབ་ཚད་དེ་ས་ཆ་གཞན་ལས་མང་བ་ཡིན་ནམ་ཞེ་ན། དེ་ནི་དེ་ཉིད་གནས་སའི་ས་ཁམས་གནས་ཡུལ་དེ། ས་བབ་ཀྱི་དབང་གིས་ཤུགས་ཆེ་བའི་པར་གཞི་ཞིག་དང་འདྲ་བས་ཡིན་ཏེ། བྱང་ཕྱོགས་དང་ནུབ་ངོས། ལྷོ་ངོས་བཅས་ཕྱོགས་གསུམ་ནས་རི་བོས་བསྐོར་བའི་འབུད་དུང་གི་ཁ་དང་འདྲ་བར། ཤར་ཕྱོགས་ནས་ཡོང་བའི་དྲོད་འཇམ་རླུང་རྒྱུན་འཛུལ་བ་ལས་འབུད་མི་ཐུབ། གཡག་རྔ་ས་ཁུལ་གྱི་སའི་སྤུང་གསོག་དེ་ས་ཆ་གཞན་དང་བསྡུར་ན་མངོན་གསལ་ཡིན་པས། ཆར་ཆུ་ཡང་འབེལ། དེར་བརྟེན། གཡག་རྔར་ཆར་གྲོང་དང་གནམ་རྡོལ་ཞེས་སུ་འབོད་ཀྱི་ཡོད།

 

原文转自于《知识就是力量》2021年11月刊

མ་ཡིག་ཤེས་བྱ་ནི་སྟོབས་ཤུགས་ཡིན་ཞེས་པའི་རྒྱ་ཡིག་དུས་དེབ་ཀྱི་2021ལོའི་འདོན་ཐེངས་བཅུ་གཅིག་པ་ལས་དྲངས།

 

    相关文章